གནས་འབྱོར་པའི་ལམ།
སྡང་བསམ་པའི་དགྲ་བོ་ང་ལ་མེད།
བརྩེ་བསམ་པའི་དགའ་ཉེ་ང་ལ་མེད།
ཁམས་འཛམ་བུ་གླིང་འདིར་ཁེ་རེ་ཡིན།
རྒྱུ་ལོངས་སྤྱོད་མེད་པའི་སྤྲང་པོ་ཡིན།
ནོར་བསམ་པའི་རྒྱུ་ཉིད་ང་ལ་མེད།
འཁྲུལ་བསམ་པའི་ཀུན་རྫོབ་ང་ལ་མེད།
བདག་མིག་རྒྱུར་མཐོང་བའི་ཤེས་རབ་ཡོད།
སྟོང་ནམ་མཁའ་སྙམ་པའི་རྟོགས་པ་ཡོད།
མིས་བསྟས་ན་སེམས་པ་ཡིད་རེ་མུག
རང་བསྟས་ན་སེམས་པ་བདེ་བ་ཆེ།
མིས་བསྟས་ན་ཨ་བ་རི་སྙིང་རེ་རྗེ།
རང་བསྟས་ན་རྙིང་རྗེ་ཆེ་མོ་ཡིན།
འགྲོ་བསམ་པའི་དམིགས་ཡུལ་ང་ལ་མེད།
བསྡད་བསམ་པའི་ཁྱིམ་ཚང་ང་ལ་མེད།
རླུང་ལྷག་པ་ངེད་གཉིས་གྲོགས་གཅིག་ཡིན།
སྤང་ཆུ་མིག་ང་ཡི་གནས་མོ་ཡིན།
གཡོ་བསམ་པའི་རྒོད་པ་ང་ལ་མེད།
འཐུམ་བསམ་པའི་བྱིང་བ་ང་ལ་མེད།
སེམས་ལྕགས་སྐྱུ་བརྒྱབ་པའི་དྲན་པ་ཡོད།
བློ་རྩེ་གཅིག་གནས་པའི་ཤེས་བཞིན་ཡོད།
མིས་བསྟས་ན་སེམས་པ་ཡིད་རེ་མུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་