ནང་་མའི་ནང་ལ།

སེམས་ལུས་པོས་མ་བཞག་འཁྱམ་སར་ཕྱིན་པས།
གཞས་སྙན་པོ་ཐོས་ས་ནང་མིའི་ནང་ལ།
ཆང་ཧུབ་གང་འཐུང་ནས་ཁྱུག་ཙམ་སྡོད་སྐབས།
ཆེས་བལྟས་ན་སྡུག་པ་ཁྱེད་དང་མཇལ་བྱུང་།
གཟུགས་བཟང་ཞིང་རྫ་རིའི་སྨྱུག་མ་འདྲ་བ།
མཛེས་ཞལ་རས་མེ་ཏོག་ཨུ་དུམ་ལྦ་ར།
ཚེམས་དུང་ལས་དཀར་བའི་པགས་པའི་འཛུམ་མདངས།
ཕོ་ཀུན་གྱི་ཡིད་དབང་འཕྲོག་པའི་རྒྱུ་རེད།
ཨ་ཙི་ཙི་ཞལ་རས་འདི་འདྲའི་མཛེས་ལ།
བུ་ང་ཡི་མིག་གཉིས་བསོད་ནམས་ཆེ་ལ།
ཨ་ཙི་ཙི་གསུང་སྐད་དེ་འདྲའི་སྙན་ལ།
བུ་ང་ཡི་རྣ་བ་བསོད་ནམས་ཆེ་ལ།
མི་མང་པོའི་དཀྱིལ་ནས་ཁྱེད་ཀྱི་སྤྱན་མིག
བུ་ང་ཡི་ཕྱོགས་ལ་ཡུད་ཙམ་གཟིགས་བྱུང་།
ཐུགས་བརྩེ་བའི་ཞལ་འཛུམ་ང་ལ་གནང་སྐབས།
ངའི་སེམས་པ་དེ་མ་ཐག་ཏུ་ཤོར་སོང་།
ཕྱིར་ངེད་གཉིས་ཌེནས་(Dance)མཉམ་པོར་བསྐྱོན་སྐབས།
ཕོ་མང་པོས་ང་ལ་ཕྲག་དོག་སྐྱེས་སོང་།
ཁྱེད་དབུ་དེ་ང་ཡི་དཔུང་པར་བསྙེས་སྐབས།
ངའི་ལུས་སེམས་ཤིན་སྦྱང་བདེ་བ་ཐོབ་སོང་།
ཨ་ཙི་ཙི་སྤྱན་མིག་འདི་འདྲས་མ་གཟིགས།
ངའི་སེམས་དེ་རྩེད་མོ་རྩེ་ཡ་མ་རེད།
དོན་དམ་པའི་བརྩེ་སེམས་ཁྱེད་ལ་ཡོད་ན།
དུས་རྟག་ཏུ་ང་ལ་ཞལ་འཛུམ་གནང་དང་།