ནང་མ་གསར་སྤྲོད།
ཇོ་མོ་གླང་མའི་རྩེ་ནས།
ཐག་རིང་རྒྱང་ལ་བལྟས་པས།
མཚམས་སྤྲིན་འབར་བའི་ལ་རྩེར།
ཕོ་བྲང་དམར་པོ་མཇལ་བྱུང་།
ཕོ་བྲང་དམར་པོ་མཇལ་བ།
ཡིན་པ་ག་ལ་སྲིད་པ།
ལོ་མང་བསགས་པའི་རེ་བས།
བསྐྲུན་པའི་འཁྲུལ་སྣང་ཡིན་འགྲོ།
མཚན་མོ་རྔས་མགོའི་སྟེང་ལ།
ཐོས་པའི་སྒྲ་དབྱངས་སྙན་པོ།
གཙུག་ལག་ཁང་གི་དྲིལ་བུ།
མིན་འགྲོ་སེམས་ལ་དྲན་བྱུང་།
སྐལ་བཟང་དུས་ཀྱི་དྲིལ་བུ།
ཡིན་པ་ག་ལ་སྲིད་པ།
ཆུང་དུས་ཡང་ཡང་ཐོས་པའི།
སེམས་ཀྱི་བག་ཆགས་ཡིན་འགྲོ།