གནས་དགུང་གི་ཉི་ཟླ།
ང་མི་ཡུལ་འགྲོ་དགོས།
སེམས་ཅན་གྱི་ལས་རེད།
ཐུགས་སྐྱོ་སྐྱོ་མ་གནང་།
བརྩེ་བའི་གཅུང་པོ་གསོན།
ངེད་གཉིས་ཀྱི་ལས་རེད།
ཁས་བླངས་པའི་དམ་བཅའ།
ཉི་མ་སྤྲིན་པའི་འོག་ནས།
དྭངས་བའི་དུས་ཤིག་ཡོང་།
ང་ཕ་ཡུལ་སྡོད་དགོས།
སེམས་ཅན་གྱི་ལས་རེད།
ཐུགས་སྐྱོ་སྐྱོ་མ་གནང་།
བརྩེ་བའི་གཅེན་པོ་གསོན།
ངེད་གཉིས་ཀྱི་ལས་རེད།
ཁས་བླངས་པའི་དམ་བཅའ།
ཐིགས་པ་བསགས་པའི་རྒྱ་མཚོ།
ཉིན་གཅིག་ཡོང་ངེས་རེད།
ངེད་སྡུག་བསྔལ་མྱོང་དགོས།
ཚེ་སྔོན་གྱི་ལས་རེད།
ཐུགས་སྐྱོ་སྐྱོ་མ་གནང་།
འཇིག་རྟེན་ཆོས་ཉིད་རེད།
གནམ་དགུང་གི་ཉི་ཟླ།
ངེད་རྣམས་ཀྱི་སྲོག་རྩ།
ཁྱེད་གཉིས་ཀྱི་བཀའ་དྲིན།
ནམ་ཡང་བརྗེད་མི་ཐུབ།