གནས་མཆོག་ལྷ་ས།
གནས་མཆོག་ཕ་ཡུལ་ལྷ་ས་མཛེས་སྡུག་ལྡན།
བརྗིད་ཆགས་ཡིད་འོང་ཕོ་བྲང་པོ་ཏ་ལ།
རིན་ཆེན་ནོར་བུས་བརྒྱན་པའི་གཙུག་རྒྱན་རེད།
འཇིག་རྟེན་འདི་ལ་སྒྲོན་པའི་གཙུག་རྒྱན་རེད།
བཀྲ་ལ་ཤིས་པའི་གླུ་དབྱངས་ལེན།
གནས་མཆོག་ཕ་ཡུལ་ལྷ་ས་མཛེས་སྡུག་ལྡན།
བདེ་ལྡན་བོད་མི་སྤྲོ་སེམས་རབ་ཏུ་འཕེལ།
ཤེས་བྱ་རིག་པའི་གནས་ལ་འབད་པས་འབུངས།
རང་ཡུལ་ལ་རང་ཡུལ།
བློ་སེམས་གཅིག་ལ་གཅིག་བརྟེན།
བཀྲ་ལ་ཤིས་པའི་གླུ་དབྱངས་ལེན།