གནས་ལྐོར་ལ་འགྲོ་བ།

ཡ་གངས་ཕྲུག་གནས་སྐོར་ལ་འགྲོ
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ
བར་དབུས་གཅང་རུ་བཞི་ལ་འགྲོ
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ
གམ་པ་ལ་རི་བོ་བརྒྱུད་པའི་དུས།
ཨོ།  མགོ་ཞྭ་མོ་ཕུད་ནས་ཀི་གསུམ་འདེབས།
ང་གངས་ཅན་བོད་ཀྱི་བླ་རི་ཡིན།
ཡ་གངས་ཕྲུག་གནས་སྐོར་ལ་འགྲོ
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ
བར་དབུས་གཅང་རུ་བཞི་ལ་འགྲོ
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ
སྐུ་ཇོཤཱྰཀ་རྣམ་གཉིས་མཇལ་བའི་དུས།
ཨོ།  ཡུམ་ཀོང་ཇོ་རྣམ་གཉིས་ཡིད་ལ་དྲན།
ང་གངས་ཅན་བོད་ལ་བཀའ་དྲིན་ཆེ།
ཡ་གངས་ཕྲུག་གནས་སྐོར་ལ་འགྲོ
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ
བར་དབུས་གཅང་རུ་བཞི་ལ་འགྲོ
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ
རྩེ་པོ་ཏ་ལ་ཡི་ཕོ་བྲང་མདུན།
ཨོ།  ལག་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།
རྗེ་ཡབ་མེས་ཐུགས་རྗེ་སྙིང་ནས་དྲན།
ཡ་གངས་ཕྲུག་གནས་སྐོར་ལ་འགྲོ
ཡ་གངས་ཕྲུག་གནས་སྐོར་ལ་འགྲོ