མུ་ཏིག་ཕྲེང་བ།
རྒྱ་མཚོའི་མཐའ་ལ་ཕྱིན་པས།
མུ་ཏིག་ཕྲེང་བ་རྙེད་བྱུང་།
སོའོ་ཡ་ལ་སེ་ར་འབྲས་སྤུངས།
སོའོ་ཡ་ལ་འཛམ་བུ་གླིང་སེཡོ།
བདག་མོ་གླིང་གི་ས་ཆ།
གསེར་གྱི་བཅུ་ཤད་མེད་པའི།
མུ་ཏིག་ཕྲེང་བས་གང་ཡོང་།
སོའོ་ཡ་ལ་སེ་ར་འབྲས་སྤུངས།
སོའོ་ཡ་ལ་འཛམ་བུ་གླིང་སེཡོ།
བདག་མོ་གླིང་གི་ས་ཆ།
ཨ་རི་ཨ་རི་མ་གསུངས།
བུ་ཆུང་སེམས་པ་སྐྱོ་བ།
སོའོ་ཡ་ལ་སེ་ར་འབྲས་སྤུངས།
སོའོ་ཡ་ལ་འཛམ་བུ་གླིང་སེཡོ།
བདག་མོ་གླིང་གི་ས་ཆ།
བུ་ངའི་སྙིང་སྡུག་མཛེས་མ།
ཨ་རིའི་གཞུང་ལ་ཐད་སོང་།
སོའོ་ཡ་ལ་སེ་ར་འབྲས་སྤུངས།
སོའོ་ཡ་ལ་འཛམ་བུ་གླིང་སེཡོ།
བདག་མོ་གླིང་གི་ས་ཆ།
ལོ་གཅིག་ལོ་གཉིས་རྗེས་ལ།
བུ་ཆུང་འཕྲད་ལ་ཕེབས་དང་།
སོའོ་ཡ་ལ་སེ་ར་འབྲས་སྤུངས།
སོའོ་ཡ་ལ་འཛམ་བུ་གླིང་སེཡོ།
བདག་མོ་གླིང་གི་ས་ཆ།