མི་ཡུལ།

མི་ཡུལ་སྡུག་པོ་མ་རེད་སེམས་ལ་བསམ།
འདྲིས་ན་རང་གི་ཕ་ཡུལ་རེད་སེམས་ལ་བསམ།
བསམ་བསམ་བཞིན་ཕ་ཡུལ་ཡིད་ལ་དྲན།
ཕ་མ་མེད་ཀྱང་ཅི་སྡུག་སེམས་ལ་བསམ།
མི་རྟག་འཇིག་རྟེན་ཆོས་ཉིད་རེད་སེམས་ལ་བསམ།
བསམ་བསམ་བཞིན་ཨ་མ་ཡིད་ལ་དྲན།
སེམས་པ་སྡུག་རྒྱུ་མི་ངན་སེམས་ལ་བསམ།
སེམས་པ་སྡུག་ན་རང་སྡུག་རེད་སེམས་ལ་བསམ།
བསམ་བསམ་བཞིན་སེམས་པ་གཏིང་ནས་སྐྱོ།