དྲན་གླུ།

རི་དེ་རྡུལ་བརྩེགས་ལྟུན་པོ།
གནམ་འདེགས་ཀ་བ་མིན་རུང་།
མདུན་ནས་མཐོན་པོར་འགྲེངས་པས།
ང་ཡི་མཐོང་ལམ་སྒྲིབ་སོང་།
ཆུ་དེ་གཅང་ཆབ་སྔོན་མོ།
ཨ་སྔོན་དགུ་ཚིགས་མིན་ཡང་།
མདུན་ནས་འཕྲེད་དུ་བཞུར་བས།
ང་ཡི་འགྲོ་ལམ་བཅད་སོང་།
མདུན་ནས་འཕྲེད་དུ་བཞུར་བས།
ང་ཡི་འགྲོ་ལམ་བཅད་སོང་།
གནམ་མ་བའི་སྤིན་པ་དཀར་པོ།
དཀར་འཇམ་ཤོག་བུ་བྱས་ཏེ།
ང་ཡི་སྙིང་གཏམ་རིང་མོ།
བྲིས་ཏེ་ཁྱོད་ལ་བསྐུར་ཡོད།
དཔྱིད་ཀའི་དྲོད་འཇམ་ཆུང་བུ།
བསུལ་བུར་སྤང་ལ་གཡུག་དུས།
ཁྱོད་ཀྱིས་རྣ་བ་གཏོད་དང་།
ང་ཡི་སྙིང་གཏམ་འདུས་ཡོད།
ཁྱོད་ཀྱིས་རྣ་བ་གཏོད་དང་།
ང་ཡི་སྙིང་གཏམ་འདུས་ཡོད།
བཅོ་ལྔའི་དུང་ཟླ་དཀར་པོ།
བདག་གི་མེ་ལོང་ཡིན་པས།
ཁྱོད་ཀྱི་གསལ་པོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོད།
ཁྱོད་ཀྱི་གསལ་པོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོད།
ཁྱོད་ཀྱི་གསལ་པོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོད།