རྨི་ལམ།

བུ་ངའི་མདང་དགོང་རྨི་ལམ་ནང་ལ།
བུ་མོ་མཛེས་མ་ཁྱོད་དང་མཇལ་བྱུང་།
ཁྱོད་ཀྱི་ལྡེམ་ལྡེམ་ཕྲ་བའི་སྐུ་གཟུགས།
ཞལ་རས་དཀར་གསལ་ཟླ་བ།
སེམས་པས་ལུས་པོ་མ་བཞག
བར་སྐོར་གཅིག་ལ་ཕྱིན་པས།
ཁྱོད་རང་ཡིད་དུ་འོང་བ།
བར་སྐོར་ནང་ནས་མཇལ་བྱུང་།
ཤར་ཕྱོགས་རི་བོའི་རྩེ་ནས།
དཀར་གསལ་ཟླ་མ་ཤར་བྱུང་།
མཛེས་ལྡན་ཁྱོད་ཀྱི་ཞལ་རས།
བུ་ངས་ཡིད་ལ་དྲན་བྱུང་།
བུ་ངའི་མདང་དགོང་རྨི་ལམ་ནང་ལ།
བུ་མོ་མཛེས་མ་ཁྱོད་དང་མཇལ་བྱུང་།
ཁྱོད་ཀྱི་ལྡེམ་ལྡེམ་ཕྲ་བའི་སྐུ་གཟིགས།
ཞལ་རས་དཀར་གསལ་ཟླ་བ།
བློ་ལ་ཡོད་པའི་མཛེས་མ།
བྲག་རི་མཐོན་པའི་མེ་ཏོག
ཐོག་མར་ལག་པས་མ་བརྙབས།
བཞག་པ་སེམས་ཀྱི་དཀྱིལ་ལ།
ག་ལེར་ཕེབས་དང་ཞུས་པས།
ག་ལེར་བཞུགས་དང་གསུངས་བྱུང་།
ག་ལེར་ཕེབས་ཞུའི་བར་ལ།
མིག་ནས་མཆི་མ་ཤོར་བྱུང་།
བུ་ངའི་མདང་དགོང་རྨི་ལམ་ནང་ལ།
བུ་མོ་མཛེས་མ་ཁྱོད་དང་མཇལ་བྱུང་།
ཁྱོད་ཀྱི་ལྡེམ་ལྡེམ་ཕྲ་བའི་སྐུ་གཟུགས།
ཞལ་རས་དཀར་གསལ་ཟླ་བ།