རྨི་ལམ་ནང་གི་རི་མོ།

ལ་ཟུར་གྱི་རླུང་འཚུབ་ནས།
མི་དཀར་རྟ་དཀར་ཞིག་མཇལ་བྱུང་།
ལུས་ལྷ་ཡི་གཞོན་ནུ།
སྤྱན་བརྩེ་བས་ང་ལ་གཟིགས་བྱུང་།
རླུང་གཤོག་བཟང་བའི་རྟ་ཕོ།
རླུང་གི་སྤྲིན་དཀར་མཛོད།
ཡིད་འོང་ལྡན་པའི་གཞོན་ནུ།
རྨི་ལམ་ནང་གི་རི་མོ།
རི་མོ་པདྨ་དཀར།
བུ་མོའི་སེམས་ཀྱི་རྨི་ལམ།
སེམས་ཀྱི་མདུད་པ་གཏན་ཏུ་ཐེབས་ན་ཨང་།
གཅིག་བློ་གཅིག་ལ་བཀལ་ན་བསམས།
ཡིད་འོང་ལྡན་པའི་གཞོན་ནུ།
བུ་མོའི་སེམས་ཀྱི་སྨོན་ལམ།
དཀར་པོའི་སེམས་ཀྱི་མེ་ཏོག
ལྷ་སྲ་ཁྱོད་ལ་ཕུལ་ཡིན།
ཚེ་གཅིག་གནས་པའི་དམ་བཅའ།
ང་ལ་གསུང་རོགས་གནང་དང་།
དམ་བཅའ་སེམས་ཀྱི་ཡི་གེ།
བུ་མོའི་ཡིད་ཀྱི་མཛའ་བརྩེ།
ནམ་ཡང་འགྱུར་བ་མེད།
རྡོ་རྗེ་བྲག་གི་སྐད་ཆ།
ངེད་གཉིས་གཏན་གྱི་ཟླ་གྲོགས་བྱུང་ན་ཨང་།
སྐྱིད་སྡུག་བཟང་ངན་མཉམ་འཁྱེར་བྱེད།