སྨོན་འདུན།
དགུང་ཨ་སྔོན་གནམ་ནས་ཉི་མ་ཤར།
ངའི་ཚེ་གཅིག་དྲིན་ཆེན་བླ་མ་དྲན།
ངའི་ཡིད་ཀྱི་སྣང་བ་དེ་ཡིས་སྐྱོ།
ཨེ་་་་་་་ཨེ་་་་་་་་་ཨེ་་་་་་་་
གཤོག་དང་ལྡན་པའི་ཁུ་བྱུག་ལགས།
ངའི་ཚེ་གཅིག་དྲིན་ཆེན་བླ་མ་ལ།
ངའི་མྱུར་དུ་མི་མཇལ་བའི་སྨོན་འདུན་ཞུ།
དགུང་ཨ་སྔོན་གནམ་ནས་ཟླ་བ་ཤར།
ངའི་ཚེ་གཅིག་དྲིན་ཆེན་ཕ་མ་དྲན།
ངའི་ཡིད་ཀྱི་སྣང་བ་དེ་ཡིས་སྐྱོ།
ཨེ་་་་་་་ཨེ་་་་་་་་་ཨེ་་་་་་་་
གཤོག་དང་ལྡན་པའི་ཁུ་བྱུག་ལགས།
ངའི་ཚེ་གཅིག་དྲིན་ཆེན་ཕ་མ་ལ།
ངའི་མྱུར་དུ་མི་མཇལ་བའི་སྨོན་འདུན་ཞུ།
དགུང་ཨ་སྔོན་གནམ་ནས་སྐར་མ་ཤར།
ངའི་ཚེ་གཅིག་སྙིང་གི་སྤུན་ཆུང་དྲན།
ངའི་ཡིད་ཀྱི་སྣང་བ་དེ་ཡིས་སྐྱོ།
ཨེ་་་་་་་ཨེ་་་་་་་་་ཨེ་་་་་་་་
གཤོག་དང་ལྡན་པའི་ཁུ་བྱུག་ལགས།
ངའི་ཚེ་གཅིག་སྙིང་གི་སྤུན་ཆུང་ལ།
ངའི་མྱུར་དུ་མཇལ་བའི་སྨོན་འདུན་ཞུ།
དགུང་ཨ་སྔོན་གནམ་ནས་གཡུ་འབྲུག་གྲགས།
ངའི་ལས་ཀྱིས་ཆུང་འདྲིས་བྱམས་པ་དྲན།
ངའི་ཡིད་ཀྱི་སྣང་བ་དེ་ཡིས་སྐྱོ།
ཨེ་་་་་་་ཨེ་་་་་་་་་ཨེ་་་་་་་་
གཤོག་དང་ལྡན་པའི་ཁུ་བྱུག་ལགས།
ངའི་ལས་ཀྱིས་ཆུང་འདྲིས་བྱམས་པ་ལ།
ངའི་མྱུར་དུ་མཇལ་བའི་སྨོན་འདུན་ཞུ།
ཨེ་་་་་་་ཨེ་་་་་་་་་ཨེ་་་་་་་་
གཤོག་དང་ལྡན་པའི་ཁུ་བྱུག་ལགས།
ངའི་ལས་ཀྱིས་ཆུང་འདྲིས་བྱམས་པ་ལ།
ངའི་མྱུར་དུ་མཇལ་བའི་སྨོན་འདུན་ཞུ།