མེ་ཏོག་དཀར་པོ།

མེ་ཏོག་དཀར་པོ་འདབ་མ་སྟོང་ལྡན།
སྤང་ལྗོངས་རྒྱན་ལ་ཤར་རོགས་གནང་དང་།
རྩྭ་ཐང་དཀྱིལ་གྱི་གཡང་དཀར་ལུག་གུའི།
མེ་ཏོག་ཁྱེད་རང་སེམས་ལ་དྲན་ཡོད།
མེ་ཏོག་སེར་པོ་འདབ་མ་སྟོང་ལྡན།
མཛེས་པའི་ལྡུམ་ར་འདི་ལ་ཕེབས་དང་།
གཡུ་སྦྲང་བུང་བ་སྐད་བཟང་སྙན་པོའི།
མེ་ཏོག་དྲི་བཟང་རི་སྒུག་བྱེད་འདུག
མེ་ཏོག་དམར་པོ་འདབ་མ་སྟོང་ལྡན།
རང་སེམས་ལྷད་མེད་རྒྱན་ལ་བྱོན་དང་།
བརྩ་གདུང་ཡིད་ཀྱི་རླབས་འཕྲེང་འདི་ཡིས།
མེ་ཏོག་ཁྱེད་རང་སྙིང་ནས་དྲན་བྱུང་།
བརྩེ་གདུང་ཡིད་ཀྱི་རླབས་འཕྲེང་འདི་ཡིས།
མེ་ཏོག་ཁྱེད་རང་སྙིང་ནས་དྲན་བྱུང་།