དམངས་གཙོ་གསར་བཞད།
༄༅།། གནམ་སྔོན་པོ་ཁ་དོག་མཚར་བའི་ཐོག
འོད་ཟེར་འཕྲོ་བའི་ཉི་མའི་དཀྱིལ་འཁོར་ཡོངས་སུ་གསལ།
འོ་ལགས་སོ།
གནམ་འདི་རང་བཞིན་ཁ་དོག་དྭངས་ལ་ཉི་མས་འཛམ་གླིང་གསལ་ངེས་སོ།
གསལ་ངེས་སོ།
བོད་ལྗོངས་དམ་པའི་ཆོས་ཀྱི་ཞིང་ནས།
ཀླ་ཀློའི་བཙན་དམག་ཡོངས་སུ་བཟློག
བོད་ཀྱི་རྒྱལ་ཁབ་རང་དབང་བཞད་དུས།
འཛམ་གླིང་འདི་ཡང་ཞིང་བདེར་ངེས།
འཀྲ་ཤིས་བདེ་ལེགས།
བདེ་ལྡན་མང་བཙོའི་གཞུང་ལམ་ཐོག་ཏུ།
གྲུབ་མཐའ་རིས་མེད་ཕོ་མོ་ཁྱད་མེད།
མི་རིག་འདྲ་མཉམ་གཞི་རྩར་བཞག་ནས།
བོད་མི་ཡོངས་ཀྱིས།རང་ལུགས་ཆོས་སྲིད་བྱ་བ་ཆེ་ཕྲའི་གནད་ལ་སློབ་སྦྱེང་རྒྱ་ཆེ་དང་འབྲེལ།
རང་ཡུལ་བསྐྱར་ལེན་རང་དབང་གཙང་མ་ཀུན་གྱི་འདོད་དོན།
༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི།
བཀའ་བཞིན་བསྒྲུབ་རྒྱུར།
བློ་སེམས་གཅིག་ཏུ་བསྒྲིལ།