དམངས་གཙོ།
ཆོས་སྲིད་བྱ་བའི་འཁོར་ལོ་འདི་ན་བསྐོར།
འདྲ་མཉམ་དམངས་གཙོ་ཞི་བདེའི་ལམ་དུ་བསྐྱོད།
མ་འོངས་གངས་ལྗོངས་ལམ་ཆེན་དེ་ནས་བསྐྱོད།
བདེ་སྐྱིད་གསར་བའི་ལང་ཚོ་དེ་ནས་རྫོགས།
མི་རིགས་འདྲ་མཉམ།
ཕོ་མོ་ཁྱད་མེད།
ཞི་བདེ་ཡོང་བར་དམངས་གཙོའི་ལམ་དུ་བསྐྱོད།
སྐྱབས་མགོན་ཡིད་བཞིན་ནོར་བུས།
དམངས་གཙོའི་ལམ་ཆེན་གནང་ནས།
མི་ལོ་ཞེ་བཞི་འཁོར་བའི།
བཀའ་དྲིན་རྗེས་དྲན་ཞུ་ཆོག
མི་རིགས་འདྲ་མཉམ།
ཕོ་མོ་ཁྱད་མེད།
བཀའ་སྲུང་བསྒྲུབས་ཏེ་དམངས་གཙོའི་ལམ་དུ་བསྐྱོད།