མ་ཕེབས།
ཆུང་བྱིས་པའི་དུས་ནས་མཉམ་དུ་གཤིབས་པའི།
ཁྱེད་ཡིད་འོང་ཞལ་རས་པདྨ་དཀར་པོ།
ཁྱེད་ས་ཐག་རིང་ས་ལ་མ་ཕེབས།
ཁྱེད་མེད་ན་མི་ཚེ་སྙིང་པོ་མིན་འདུག
ངེད་གཉིས་པོ་མཉམ་གཤིབས་བྱུང་བའི་དུས་ནས།
ངས་ཁྱེད་ལ་བརྩེ་གདུང་བརྟན་པོ་བཅངས་ཡོད།
ཁྱེད་ས་ཐག་རིང་ས་ལ་ཕེབས་ན།
ང་སེམས་པ་གཏིང་ནས་སྐྱོ་ཡང་་སྐྱོ་བྱུང་།
ཨོ་འོ།
བུ་མོ།
ཨ་ཙི་བསོད་ནམས།
ཐེངས་གཅིག་པོ་ང་ཡི་ཕྱོགས་ལ་གསན་དང་།
ངེད་གཉིས་པུ་བྲལ་དགོས་བྱུང་བའི་དུས་འདི།
ལས་གང་གིས་བཀོད་པའི་བར་ཆད་ཡིན་འགྲོ།
སྐབས་རེ་ཉིན་མོའི་གཉིད་ལམ་བཏང་བྱུང་།
སེམས་ལ་དགའ་འཚོར་ཐེངས་མང་སྤྲད་བྱུང་།
ཨ་ཙི་བུ་མོ་བསམ་བློ་ཡག་པོ་གཏང་རོགས་གནང་།
ཆུང་བྱིས་པའི་དུས་ནས་མཉམ་དུ་གཤིབས་པའི།
ཨོ་འོ།
བུ་མོ།
ཨ་ཙི་བསོད་ནམས།
ཁས་བླངས་པའི་དམ་བཅའ་བརྟན་པོ་གནང་རོགས།
ཁྱེད་འགྲོ་བའི་བཀའ་མོལ་ཡང་སེ་མ་གསུངས།
ངས་ཁྱེད་ལ་བཅངས་པའི་བརྩེ་བར་གཟིགས་རོགས།