མ་ལ་ཡ།

སྟོད་གངས་རིའི་མགུལ་ན་སྤྲིན་དཀར་འཁྱིལ།
གྲོགས་སྐུ་མགྲོན་བསུ་བའི་ལྷ་དར་ཡིན།
སྨན་བཟང་དྲུག་འཛོམས་པའི་གནས་མཆོག་འདི།
ལུས་ན་ཚ་མཇོམ་པའི་གཉེན་པོ་ཡིན།
མ་ལ་ཡ།
མ་ལ་ཡ།
ལྷོ་འཛམ་གླིང་སྨན་རི་མ་ལ་ཡ།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
གནས་འདི་ལ་མཚོ་དང་ཆུ་སྣ་འཛོམས།
ལྷ་བླ་མའི་གསེར་སྐྱེམས་ཡོན་ཆབ་ཡིན།
བོད་ཁ་བ་ཅན་གྱི་བདུད་རྩི་འདི།
གྲོགས་སྐུ་མགྲོན་མཆོད་པའི་སྨན་ཆང་ཡིན།
མ་ལ་ཡ།
མ་ལ་ཡ།
ལྷོ་འཛམ་གླིང་སྨན་རི་མ་ལ་ཡ།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
ལྷོ་འཛམ་གླིང་སྨན་རི་མ་ལ་ཡ།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
བོད་གངས་ལྗོངས་མི་ཡི་སྙིང་ནོར་ཡིན།
མ་ལ་ཡ།
མ་ལ་ཡ།