ལོ་གསར།
ང་ཚོ་བོད་ཀྱི་ལོ་གསར།
དགའ་སྐྱིད་འཛོམས་པའི་ལོ་གསར།
ང་ཚོ་བོད་ཀྱི་ལོ་གསར།
དགའ་བའི་བྲོ་ཞིག་འཁྲབ་དང་།
དགའ་བའི་གླུ་ཞིག་ལེན་དང་།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་སྐྱིད་པའི་ལོ་གསར།
འདི་འདྲའི་དགའ་བའི་ལོ་གསར།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨེ་མ་བག་གྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་ཐོབ་པར་ཤོག
དཀར་ཡོལ་ནང་གི་ཆང་འདི།
རྟེན་འབྲེལ་མ་བསྒྲིག་རང་འགྲིགས།
མཆོད་ཆང་མཆོད་རོགས་གནང་དང་།
ཁ་ལ་བཀྲ་ཤིས་རྟགས་བརྒྱད།
ཞབས་ལ་པདྨ་འདབས་བརྒྱད།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་ཞིམ་པོའི་མཆོད་ཆང་།
ཨ་ཅག་ཆང་མ་ལགས་ཀྱིས་གནང་བྱུང་།
ལྷ་ཡིས་མཆོད་ན་ཚེ་ཐག་རིང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་གསར།