ལོ་གསར།

ལོ་རྙིང་པ་ག་ལེར་ཕེབས་རོགས།
ལོ་གསར་བ་འབྱོན་པ་ལེགས་སོ།
ལོ་གསར་པའི་དུས་བཟང་དེ་ལ།
སྙིང་ཐག་པའི་བཀྲ་ཤིས་བདེ་ལེགས་ཞུ།
ལོ་གསར་ལ་ཚང་མ་བཛོམས་ཡོང་།
སེམས་ནང་གི་སྡུག་བསྔལ་བྲལ་ནས།
དགའ་པོ་སྐྱིད་པོ་བྱེད་པར།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ལོ་གསར་ལ་གོས་གསར་གྱོན་ནས།
ཟས་ཞིམ་པོ་ཟ་རྒྱུ་ཡོད་རེད།
ཆང་འཐུང་ནས་གཞས་གཅིག་བཏང་ཡིན།
ཨ་མ་བག་བྲོ་སྐུ་ཁམས་བཟང་།
ལོ་གསར་ལ་བླ་མ་མཇལ་ནས།
ལྷ་སྲུང་ལ་མཆོད་པ་ཕུལ་ནས།
སྨོན་ལམ་འདི་མཉམ་དུ་བརྒྱབ་ཡོད།
གཏན་དུ་བདེ་བ་ཐོབ་པ་ཤོག