ལོ་གསར།
དུས་ཅིག་ད་ལོ་དགའ་བ།
དེ་ལས་དུས་སང་སྐྱེད་པ།
སྐྱིད་པའི་ཉི་མ་ཤར་དུས།
བཀྲ་ཤེས་ལོ་གསར་ཤར་བྱུང་།
བཀྲི་ཤེས་གྲོ་སོ་ཕྱེ་མར།
ལོ་ལེགས་ཡོང་བའི་རྟེན་འབྲེལ།
གཡང་དཀར་ལུག་གུའི་དབུ་དེ།
འབྲོག་ལས་འཕེལ་བའི་རྟེན་འབྲེལ།
སྐེ་ལ་བསྒྲོན་བའི་མཇལ་དར།
ལྷད་མེད་ཤེལ་དཀར་གཙང་ལ།
སྐུ་གཟུགས་བདེ་ཐང་ཡོང་བའི།
བཀྲ་ཤིས་སྨོན་འདུན་ཞུས་ཡོད།
གཏན་དུ་བདེ་བ་ཐོབ་པ།
བྱ་བ་ལས་འགྲོ་ཡོང་བ།
དུས་སང་སླར་ཡང་མཇལ་རྒྱུའི།
བཀྲ་ཤེས་སྨོན་ལམ་ཞུས་ཡོད།