ལོ་མང་བསྒུགས་པའི་སྙིང་གཏམ།

ལོ་མང་བསྒུགས་པའི་སྙིང་གཏམ།
ཉི་མ་དེ་རིང་་བཤད་བྱུང་།
ནམ་མཁའི་བླ་མ་དཀོན་མཆོག
རྨི་ལམ་མིན་པར་ཤོག་ཅིག
བསམ་ཡས་བྱ་ཕོ་དཀར་པོ།
བྱ་སྐད་སྔ་པོ་མ་རྒྱབས།
ང་དང་རིག་འཛིན་དབང་མོ།
སྙིང་གཏམ་བཤད་རྒྱུ་ལྷག་ཡོད།
དེ་རིང་མཇལ་བའི་དགའ་ཚོར།
སང་ཞོགས་འབྲལ་བའི་སྡུག་བསྔལ།
མཇལ་བའི་དགའ་ཚོར་ལས་ནི།
འབྲས་བའི་སྡུག་བསྔལ་ཆེ་བ།
སེམས་པ་སྐྱོ་རྒྱུ་སྐྱོ་བྱུང་།
མ་སྐྱོ་མདོག་མདོག་བྱས་ཡོད།
ཁྱོད་རང་དྲན་རྒྱུ་དྲན་ཡོད།
མ་དྲན་མདོག་མདོག་བྱས་ཡིན།