ལོག་ནས་འགྲོ།

རི་མཐོན་པོའི་རླུང་རྟ་རེད།
མི་ཚེ་གཅིག་གི་སྐྱོ་གཞས་རེད།
བུ་ངའི་སེམས་ཀྱི་སྨོན་ལམ་རེད།
རི་མཐོན་པོ་གཅིག་དང་གཉིས།
ལ་རྒྱབ་ང་ཡི་ཕ་ཡུལ་རེད།
དྲིན་ཅན་ཕ་མ་བཞུགས་ས་རེད།
ད་མི་སྡོད་ལོག་ནས་འགྲོ།
ལོག་ནས་འགྲོ།
ཕ་ཡུལ་དྲན།
ག་ལེར་བཞུགས།
ཕ་མ་དྲན།
ཉིན་མཚན་གཉིས་ཀྱི་རྨི་ལམ་རེད།
སེམས་པ་ཕ་ཡུལ་ཕ་མ་རེད།
སྐྱིད་སྡུག་ཤོད་པའི་གླུ་ཞིག་རེད།
ངའི་གྲོགས་རྣམ་པ་ག་ལེར་བཞུགས།
ང་ད་མི་སྡོད་ལོག་ནས་འགྲོ།
མི་ཚེའི་མཐའ་དེ་ཕ་ཡུལ་སྐྱེལ།
ག་ལེར་བཞུགས།
ལོག་ནས་འགྲོ།
ལོག་ནས་འགྲོ།
ཕ་ཡུལ་དྲན།
ག་ལེར་བཞུགས།
ཕ་མ་དྲན།