བློ་བཟང་དོན་སྒྲུབ།
དགུ་ཙ་བཙོན་ཁང་ནང་ལ།
གྲོགས་མཆོག་དགྲ་འདུལ་གཉེན་སྐྱོང་།
འཇིགས་ཉམས་ལྷ་སྲས་གཞོན་ནུ།
དཔའ་མཛངས་མདེན་མ་ལྗང་ཕྲ།
ཐ་མག་རྐང་གཅིག་སྤྲོད་དང་།
ང་ཡི་བློ་མཐུན་གྲོགས་པོ།
མི་ཚེ་ཐ་མའི་སྙིང་གཏམ།
ཚིག་གསུམ་ཁྱེད་ལ་བཤད་གསུངས།
སྲོག་ཐོག་དམར་པོ་འགྲོ་བ།
འགྱོད་པ་སྤུ་ཙམ་མེད་དོ།
གངས་ལྗོངས་ལར་རྒྱའི་ཆེད་དུ།
ལུས་སྲོག་དོར་བ་ཆེས་དགའ།
སང་ཞོག་ཐོ་རིངས་དཀར་པོ།
སྨོན་ལམ་ཚིག་གསུམ་རྒྱབས་ཤོག
མེ་མདའི་མདེའུ་དམར་པོ།
དྲན་རྟེན་ཆེད་དུ་ཉར་ཤོག
ངའི་བོད་ལྗོངས།
བརྩེ་བའི་བོད།
མཆི་མས་ཟུབས་པའི་ཡིག་གེ།
དྲིན་ཆེན་མ་ལ་ཕུལ་རོགས།
མཛའ་སེམས་མཚོན་པའི་མཛུབ་དཀྲིས།
སྙིང་སྡུག་བྱམས་པར་གནང་རོགས།
འཆི་བར་ཐེ་ཚོམས་མེད་ཀྱང་།
ཤི་གོ་ཆོད་པ་དགོས་ཏེ།
ལས་ཀྱི་མཇུག་སྐྱོང་གནང་མཁན།
གྲོགས་པོ་ཁྱེད་རང་ཡིན་གསུངས།
མེ་མདའི་སྒྲ་སྐད་ཐོས་དུས།
སེམས་པ་གཏིང་ནས་སྐྱོ་བྱུང་།
ཁྲག་ཐིགས་ས་ལ་འཛག་དུས།
མཆི་མས་གདོང་པ་ཁེངས་སོང་།
ཁྲག་དང་མཆི་མས་དུང་བའི།
དམ་བཅའ་གཡོ་བ་མེད་པ།
དགྲ་ཤ་མ་ལོན་བར་དུ།
སེམས་ཐག་དཀར་མོའི་རྡོ་ཡིན།
བོད་རྒྱལ་ལོ།