ལོ་ཉི་ཤུ།

ང་ལོ་ཉི་ཤུ་སྔོན་ནས།
ཁེད་ལ་སེམས་པ་ཤོར་སོང་།
ང་སྔོན་མ་ཆུང་དུས་ནས།
ཁྱེད་ལ་སེམས་པ་ཤོར་སོང་།
ངས་བྱ་བ་གང་བྱས་ཀྱང།
ཁྱེད་ཀྱི་ཞལ་རས་ངའི་མི་གནང་འདུག
ཁྱེད་ཐེངས་གཅིག་ཁྲོམ་ལ་ཐུག་སོང་།
ངས་ཐེངས་མ་མང་པོ་བལྟས་ཡིན།
ང་ཁྱེད་ལ་བརྩེ་བ་ཆེ་ནས།
ཉིན་མཚན་མེད་པར་ཁྱེད་རང་བསམ་ནས་ཡོད།
ང་ལོ་ཉི་ཤུ་སྔོན་ནས།
ཁེད་ལ་སེམས་པ་ཤོར་སོང་།
ང་སྔོན་མ་ཆུང་དུས་ནས།
ཁྱེད་ལ་སེམས་པ་ཤོར་སོང་།
ཁ་སང་ང་གཉིས་ཐུག་པའིསྐབས་ལ།
ངས་སྙིང་གཏམ་བཤད་དགོས་བསམ་བྱུང་།
མཛེས་ལྡན་ཁྱེད་རང་མདུན་ལ།
བུ་ངས་སྙིང་གཏམ་བཤད་མི་ཐུབ།
ང་ལོ་ཉི་ཤུ་སྔོན་ནས།
ཁེད་ལ་སེམས་པ་ཤོར་སོང་།
ང་སྔོན་མ་ཆུང་དུས་ནས།
ཁྱེད་ལ་སེམས་པ་ཤོར་སོང་།
དེ་རིང་ང་གཉིས་གཅིག་པོ་ཡིན་དུས།
ངས་སྙིང་གཏམ་གསན་རོགས་གནང་དང་།
དེ་རིང་ང་གཉིས་གཅིག་པོ་ཡིན་དུས།
ཁྱེད་ཀྱི་སེམས་འདི་ང་ལ་གནང་དང་།
ང་ཁྱེད་ལ་བརྩེ་བ་བྱས་ནས།
ལོ་ངོ་ཉི་ཤུ་ཕྱིན་སོང་།
ཛེན་ལྡན་ཁྱེད་ལ་བྱམས་ན་མེད་ན།
བུ་ང་བརྩེ་སེམས་གནང་རོགས།