གླུ་ཞིག་ལེན།
ཨོ་ཡེ།
ཞང་ཡ་རེ་ཡ་རེ།
ཨ་སྤུན་ཁོ་ཡ་རེ་ལེན།
གླུ་མགོ་མ་ཨ་སྔོན་དགུང་ལ་ལེན།
དགུང་མཐོན་པོ་གཤོག་ཐོགས་འཕུར་ས་རེད།
ངས་འཕུར་གི་ཞོར་གི་གླུ་ཞིག་ལེན།
ཨོ་ཡེ།
ཞང་ཡ་རེ་ཡ་རེ།
ཨ་སྤུན་ཁོ་ཡ་རེ་ལེན།
གླུ་བར་མ་བདེ་མོ་ཐང་ལ་ལེན།
ཐང་ཆེན་པོ་འདོ་རིགས་རྒྱུག་ས་རེད།
ངས་རྒྱུག་གི་འདུར་གི་གླུ་ཞིག་ལེན།
ཨོ་ཡེ།
ཞང་ཡ་རེ་ཡ་རེ།
ཨ་སྤུན་ཁོ་ཡ་རེ་ལེན།
གླུ་གཞུག་མ་ཁྲོམ་ཆེན་དཀྱིལ་ནས་ལེན།
ཁྲོམ་ཆེན་པོ་ན་ཟླ་རྩེད་ས་རེད།
ངས་རྩེད་ཀི་དགོད་ཀི་གླུ་ཞིག་ལེན།
ངས་རྩེད་ཀི་དགོད་ཀི་གླུ་ཞིག་ལེན།