ལྷད་མེད་སེམས་ཀྱི་འཁོར་ཕྱོགས།

རབ་དཀར་སྤྲིན་གྱི་བླ་གོས།
རི་རྒྱལ་མགུལ་དུ་མཛེས་ཀྱང་།
གཞོན་ཆུང་ང་ཡི་མིག་ཟུང་།
བླ་མའི་ཕྱོགས་སུ་འཁོར་ཡོད།
ལུས་སྐྱེད་ཕ་མའི་ཐུགས་སེམས།
མུན་སེལ་ཟླ་ལས་མཚར་ཡང་།
རྨོངས་པའི་རབ་རིབ་སེལ་བའི།
སེམས་ཀྱི་སྒྲོན་མེ་ཁྱེད་ཡིན།
བཅུ་ཕྲག་རིག་གཞུང་འོ་མཚོ།
ཕངས་མེད་སྙིང་ལ་བསྕལ་ཅིང་།
སེམས་ཉིད་རང་ངོ་སྤྲོད་པའི།
དྲིན་ཆེན་བླ་མ་ཁྱེད་ཡིན།
ཀུན་འབྱུང་དཔག་བསམ་ལྗོན་པས།
འདོད་དགུ་ཆར་དུ་སྙིལ་ཡང་།
འགྱུར་མེད་གཏན་བདེ་སྟེར་མཁན།
ཡིད་བཞིན་ནོར་བུ་ཁྱེད་ཡིན།
ཀུན་འབྱུང་དཔག་བསམ་ལྗོན་པས།
འདོད་དགུ་ཆར་དུ་སྙིལ་ཡང་།
འགྱུར་མེད་གཏན་བདེ་སྟེར་མཁན།
ཡིད་བཞིན་ནོར་བུ་ཁྱེད་ཡིན།