ལྷ་སའི་བར་སྐོར།
ལྷ་སའི་བར་སྐོར་ནང་ལ།
བུ་ང་འཆམ་འཆམ་ཕྱིན་པས།
ཨ་ཅག་ལྷ་སའི་མེ་ཏོག
བར་སྐོར་དཀྱིལ་ལ་ཐུག་སོང་།
ལྷ་སའི་བར་སྐོར་ནང་ལ།
ཨ་ཅག་ལྷ་སི་མེ་ཏོག
ཕར་ལྟ་ཚུར་ལྟ་བྱས་ནས།
ཕྱི་བལྟས་ལོག་ནས་ཕྱིན་སོང་།
ཕར་ལ་མིག་ཅིག་བལྟས་པས།
ཚུར་ལ་སྤྱན་ཞིག་གཟིགས་བྱུང་།
བུ་ངའི་ཡིད་དབང་འཕྲོགས་ནས།
སེམས་ལ་དགའ་བ་སྐྱེས་སོང་།
ལྷ་སའི་བར་སྐོར་ནང་ལ།
ཡང་བསྐྱར་ལན་གཅིག་ཕྱིན་པས།
ཨ་ཅག་ལྷ་སའི་མེ་ཏོག
མཇལ་བ་དགའ་ཚོར་སྐྱེས་བྱུང་།
ལྷ་སའི་བར་སྐོར་ནང་ལ།
ཁྱེད་ཀྱི་ཞལ་མོ་ཚེག་ཚེག
བུ་ངའི་ཡིད་དབང་འཕྲོགས་ཀྱང་།
མི་ཚེ་རེ་བ་མི་འདུག
ཕར་ལ་མིག་ཅིག་བལྟས་པས།
ཚུར་ལ་སྤྱན་ཞིག་གཟིགས་བྱུང་།
བུ་ངའི་ཡིད་དབང་འཕྲོགས་ནས།
སེམས་ལ་དགའ་བ་སྐྱེས་སོང་།