ལྷ་ས་ནོར་བུ་གླིང་ལ།
ལྷ་ས་ནོར་བུ་གླིང་ལ།
ནོར་བུ་མི་འདུག་མ་གསུངས།
ལྷ་ས།
ཇོ་ཤྰཀྱ་ཡིད་བཞིན་ནོར་བུ།
ནོར་བུ་མིན་ན་གང་རེད།
ལྷ་ས།
ནོར་བུ་གླིང་ལ་ནོར་བུ་མི་འདུག་མ་གསུངས།
ནོར་བུ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས།
འཛམ་གླིང་ཡོངས་ལ་ཁྱབ་སོང་།
བཙལ་བྱོལ་རྒྱ་གར་ཡུལ་ལ།
ནོར་བུ་མི་འདུག་མ་གསུངས།
དྷ་ས།
༧རྒྱལ་བ་ཡིད་བཞིན་ནོར་བུ།
ནོར་བུ་མིན་ན་གང་རེད།
དྷ་ས།
བཙན་བྱོལ་ཡུལ་ལ་ནོར་བུ་མི་འདུག་མ་གསུངས།
ནོར་བུ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས།
འཛམ་གླིང་ཡོངས་ལ་ཁྱབ་སོང་།
གཞིས་བྱེས་བོད་མི་ཡོངས་ལ།
ནོར་བུ་མི་འདུག་མ་གསུངས།
གངས་ལྗོངས།
༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
ནོར་བུ་མིན་ན་གང་རེད།
གངས་ལྗོངས།
བོད་མི་ཡོངས་ལ་ནོར་བུ་མི་འདུག་མ་གསུངས།
ནོར་བུ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས།
འཛམ་གླིང་ཡོངས་ལ་ཁྱབ་སོང་།