ལྷ་སའི་སྐྱིད་ཆུ།
བརྩེ་བའི་རང་གི་ཕ་ཡུལ་ལོ།
ལྷ་ལྡན་ལྷ་ས་སྐྱིད་པ་ལ།
ལྷ་སའི་སྐྱིད་ཆུ་མཐོང་དུས།
ཕ་མའི་ཞལ་རས་དྲན་བྱུང་།
ཨ་ལྷ་ས།
སྐྱིད་པའི་ཕ་ཡུལ།
ལྷ་སའི་སྐྱིད་ཆུ་མཐོང་དུས།
ཕ་མའི་ཞལ་རས་དྲན་བྱུང་།
ཕ་མའི་ཞལ་རས་དེ་ནི།
དཀར་གསལ་ཟླ་བ་འདྲ་བྱུང་།
དྲན་པ་རང་གི་ཕ་ཡུལ།
བྱམས་བརྩེ་ཕ་མ་འདྲ་བ།
ཕ་མའི་བཀའ་དྲིན་དེ་ལ།
གསོ་རྒྱུ་བྱུང་ན་བསམས་བྱུང་།
འདུན་པ་སེམས་ཀྱི་སྨོན་ལམ།
ཁྱེད་ལ་བལྟས་ནས་འདེབས་ཡོད།
རེ་བའི་འབྲས་བུ་སྨིན་པ།
ཁྱེད་ཀྱིས་གནང་རོགས་གནང་དང་།