ལྷག་བསམ།
སྤྱི་ཡི་ནོར་བུ་ཁོང་ལ།
བོད་མི་ཚང་མ་གཟིགས་དང་།
ཁོང་གི་སྐུ་ང་ལ་ལ་བལྟས་ནས།
རྡོག་རྩ་ཆིག་སྒྲིལ་གནང་དགོས།
ལྷག་བསམ་གཅིག་ལ་བསྒྲིལ་ནས།
ཆོལ་ཁ་གསུམ་ནས་ལོངས་ཤིག
སེམས་ཤུགས་མུ་མཐུད་བྱས་ནས།
རང་བཙན་ལེན་པ་བྱེད་དགོས།
སེམས་ཤུགས་ནོར་གྱི་བང་མཛོད།
དཔའ་བོ་ཐུབ་བསྟན་དངོས་གྲུབ།
རང་ཁེ་ཏོག་ཙམ་མེད་ཀྱང་།
རྒྱལ་བསྟན་དོན་དུ་ཕེབས་སོང་།
ཁྱེད་ཀྱི་བསྟན་པའི་ལམ་དེ།
ཤ་ཟད་རུས་ལ་ཐུག་ཀྱང་།
ང་ཚོ་བོད་མི་ཡོངས་ནས།
ནམ་ཡང་བརྗེད་ཐབས་མིན་འདུག