ལྷ་སྒྲོན་ལགས།

ལྷ་སྒྲོན་ལགས།
ཁྱེད་མེད་པའི་ལོ་ཟླའི་ནང་།
བུ་ཆུང་ང་ཡི།
སེམས་པ་སྐྱོ་ལྷང་ལྷང་།
འོན་ཀྱང་ངའི།
མི་ཚེ་འདིའི་ནང་ལ།
བུ་མོ་ཁྱེད་རང་།
ནམ་ཡང་བརྗེད་ཐབས་མེད།
སྙིང་སྡུག་ལགས།
ང་ལ་ཡིད་ཆེས་གནང་རོགས་གནང་།
ལྷད་མེད་པའི་བརྩེ་སེམས།
བུ་ཆུང་ང་ལ་ཡི།
སྐར་འོད་ཆེམ་ཆེམ་འཕྲོ་བའི་ནམ་མཁའ།
དཀར་གསལ་ཟླ་བའི།
ཞལ་རས་དེ་བས་མཛེས།
ལྷ་སྒྲོན་ལགས།
ཁྱེད་མེད་པའི་ཉིན་མཚན་ནང་།
བུ་ཆུང་ང་ཡི།
སེམས་ཁོངས་གྲང་ཐིང་ཐིང་།
བུ་ཆུང་ངའི།
སེམས་ཁོངས་ནས་བཞད་པའི།
རྒྱ་སེའི་མེ་ཏོག།
བུ་མོ་ཁྱེད་ལ་ཕུལ།
སྙིང་སྡུག་ལགས།
ང་ལ་་་།
གསེར་འོད་ཆེམ་ཆེམ་འཕྲོ་བའི་ཉི་མ།
མེ་ལྟར་འབར་བའི།
བརྩེ་དུང་དེ་བས་དྲོ།
ལྷ་སྒྲོན་ལགས།
ཐུགས་སེམས་སྐྱོ་ནས་མ་བཞུགས་རོགས།
དུས་ནམ་ཡང་བུ་ངས།
ཁྱེད་རང་སྒུག་ནས་བསྡད་ཡོད།