ལས་འཕྲོ།
འཛུབ་ཀྱུ་པད་མ་ཕྲ་འརྗོམས། རིན་ཆེན་དང་པོའི་སྒང་ལ།
ནོར་བུའི་ཕྲ་ཞིག་བརྒྱབ་ཡོད། ཡིད་དགའི་བྱམས་པར་ཕུལ་བས།
ལས་འཕྲོའི་ཚེག་ལ་འཁོན་ནས། བུ་ངའི་རང་དབང་མི་འདུག
ནམ་མཁའི་བླ་མ་དཀོན་མཆོག བདག་ལ་ལམ་ཞིག་སྟོན་དང་།
ལས་འཕྲོའི་ཚེག་ལ་འཁོན་ནས། བུ་ངའི་རང་དབང་མི་འདུག
ནམ་མཁའི་བླ་མ་དཀོན་མཆོག བདག་ལ་ལམ་ཞིག་སྟོན་དང་།
བརྩེ་བའི་སྙིང་སྡུག་བྱམས་པ། བལྟས་པས་ངོམས་པ་མི་འདུག
ཁྱེད་ཀྱི་གསུངས་པའི་སྙིང་གཏམ། བ་ངའི་སྙིང་ལ་བབས་བྱུང་།
སེམས་གཉིས་གཅིག་ཏུ་སྒྲོལ་ནས། བྲལ་བའི་རང་དབང་མི་འདུག
ནམ་མཁའི་བླ་མ་དཀོན་མཆོག བདག་ལ་བྱམས་སྐྱོང་གནང་རོགས།
སེམས་གཉིས་གཅིག་ཏུ་སྒྲིལ་ནས། བྲལ་བའི་རང་དབང་མི་འདུག
ནམ་མཁའི་བླ་མ་དཀོན་མཆོག བདག་ལ་བྱམས་སྐྱོང་གནང་རོགས།