ལས་འབྲས་བརྩེ་སེམས།
ཤར་ནས་བལྟས་ཀྱང་།
ནུབ་ནས་བལྟས་ཀྱང་།
བྱང་ནས་བལྟས་ཀྱང་།
ལྷོ་ནས་བལྟས་ཀྱང་།
བུ་མོ་ཁྱེད་ཀྱི།
ཞལ་རས་འདི་ནི།
བལྟ་བཞིན་བལྟ་བཞིན།
པདྨ་འདྲ་བྱུང་།
ཤར་ནས་བལྟས་ཀྱང་།
ནུབ་ནས་བལྟས་ཀྱང་།
བྱང་ནས་བལྟས་ཀྱང་།
ལྷོ་ནས་བལྟས་ཀྱང་།
བསམ་ད་ཁྱེད་རང་བསམས་བྱུང་།
མི་ཚེ་བྱུང་ན་བསམས་བྱུང་།
ཁྱེད་ཀྱི་ཡབ་ཡུམ་གཉིས་ནས།
ང་གཉིས་ཁ་བྲལ་བཏང་བྱུང་།
བསམ་བློ་བཏང་བཞིན་བཏང་བཞིན།
སེམས་པ་གཏིང་ནས་སྐྱོ་བྱུང་།