བླ་མ་བཟང་པོ།

བླ་མ་བཟང་པོ་༧རྒྱལ་བ་ཡིད་བཞིན་ནོར་བུ།
གསེར་ཁྲི་མཐོན་པོའི་སྟེང་ལ་བཞུགས་ཡོད་ཟེར་ན།
དབུ་ལ་མའཇའ་ཚོན་སྣ་ལྔ།
༧རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་ཁ་འགྲོ་འོ།
ཕ་མ་བཟང་པོ་རང་ཡུལ་ཕྱོགས་ཀྱི་ཕ་མ།
རང་ཡུལ་ཕྱོགས་ཀྱི་ཕ་མ་ཟེར་ན།
ཐུགས་ནི་བྱམས་སེམས་བརྩེ་བ།
རང་ཡུལ་ཕྱོགས་ཀྱི་ཕ་མ་མཇལ་ཁ་འགྲོ་འོ།
དཔོན་པོ་བཟང་༧རྒྱལ་བ་ཡིད་བཞིན་ནོར་བུ།
གསེར་ཁྲི་མཐོན་པོའི་སྟེང་ལ་བཞུགས་ཡོད་ཟེར་ན།
ཞབས་ལ་པདྨ་འདབ་བརྒྱད།
༧རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་ཁ་འགྲོ་འོ།