ལ་དྰགས་བུ་མོ།
ལ་དྰགས་ཡུལ་གྱི་མཛེས་པའི་བུ་མོ།
ཐུགས་བྲེལ་ཚ་པོ་འདི་འདྲ་མ་གནང་།
བཀའ་མོལ་གནང་ནས་འཁྱུག་ཙམ་བཞུགས་དང་།
བཞུགས་སེ་ལས་བཞུགས་སེ་ལས་མ་གསུངས།
ལུང་པ་ཆ་རྒྱུས་མེད་པའི་མི་ལ།
ཚིག་གསུམ་ཁ་ཏ་བསླབ་བྱ་གནང་རོགས།
རང་ཡུལ་མེད་པའི་འཁྱམ་པོའི་མི་ལ།
བཞག་གསུམ་གནས་ཚང་གཡར་རོགས།
ལ་དྰགས་ཡུལ་དེ་དེ་འདྲའི་མཛེས་ལ།
དེ་ལས་མཛེས་པ་ལ་དྰགས་ཀྱི་བུ་མོ།
ཁྱེད་དང་ང་གཉིས་གཉེན་འགྲིགས་ཞིག་བྱུང་ན།
ངའི་སེམས་པ་ཁྱེད་ལ་ཕུལ་ཡིན།
མཛེས་མ་མཛེས་མ་འདི་འདྲས་མ་གཟིགས།
ཞལ་འཛུམས་ཞལ་འཛུམས་འདི་འདྲས་མ་གནང་།
བུ་མོ་བུ་མོ་ང་འཕྲུལ་མ་བཅུགས།
ལེ་ཡི་དགོན་པར་འཇལ་ཁ་ལ་འཁྲིད་རོགས།
ལ་རྩེར་ལྷ་གསོལ་བཏང་ཁར་འགྲོ་རོགས།
པག་དང་མར་གཉིས་མཉམ་པོར་དེ་མཆོད་རོགས།
ཉལ་ཁར་སྒྲུང་སྙན་པོ་གསུངས་རོགས།
གལ་ཏེ་ང་རང་གཉིད་ཅིག་འཁརགས་ན།
ངའི་འགྲམ་པར་བྱུགས་བྱུགས་ཞིག་གནང་རོགས།
གལ་ཏེ་ང་ལ་རྔས་མགོ་ཞིག་དགོས་ན།
ཁྱེད་སྤར་དེ་རྔས་མགོ་ཞིག་གནང་རོགས།
ལ་དྰགས་ཡུལ་དེ་དེ་འདྲའི་མཛེས་ལ།
དེ་ལས་མཛེས་པ་ལ་དྰགས་ཀྱི་བུ་མོ།
ཁྱེད་དང་ང་གཉིས་གཉེན་འགྲིགས་ཞིག་བྱུང་ན།
ངའི་སེམས་པ་ཁྱེད་ལ་ཕུལ་ཡིན།
མཛེས་མ་མཛེས་མ་འདི་འདྲས་མ་གཟིགས།
ཞལ་འཛུམས་ཞལ་འཛུམས་འདི་འདྲས་མ་གནང་།
བུ་མོ་བུ་མོ་ང་འཕྲུལ་མ་བཅུགས།