སྐྱོ་བའི་གཞས་གཅིག

སྐྱོ་བའི་གཞས་གཅིག་བཏང་བས།
དྲིན་ཆེན་ཕ་མ་དྲན་བྱུང་།
སེམས་སྡུག་ག་རེ་ཡིན་མིན།
གཞས་ཀྱིས་ནང་དུ་བཏང་ཡོད།
ང་ཡི་ཡབ་ཡུམ་ལ།
ཚུར་ལ་གསན་རོགས་གནང་།
སེམས་པ་སྐྱོ་བའི་བུ་ཆུང་།
ད་ལོའི་ལོ་ལས་སྐྱོ་བ་ལ།
ང་རང་སྐྱོ་བས་མ་ཚད།
ནམ་མཁའི་བྱ་ཡང་སྐྱོ་སོང་།
ང་ཡི་ཕ་མ་ལ།
ཚུར་ལ་གསན་རོགས་གནང་།