གོང་ས་འདྲ་ལེ་མི་འདུག
དབྱར་གྱི་ཙ་ཐང་སྟེང་དུ།
ཚོས་གཞི་རྣམ་པར་བཀྲ་བའི།
རྐང་ཐུང་གྲངས་མེད་འདུག་ཀྱང་།
ཨུ་དུམ་འདྲ་ལེ་མི་འདུག
ཁྱེད་མེད་ན་ཙ་ཐང་སྟོང་པ་རེད།
ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།
འཛམ་གླིང་མི་ཡི་ཁྲོད་དུ།
ཕྱི་ནང་རིག་པའི་གནས་ལ།
མཁས་པ་གྲངས་མེད་འདུག་ཀྱང་།
གོང་ས་འདྲ་ལེ་མི་འདུག
ཁྱེད་མེད་ན་ཙ་ཐང་སྟོང་པ་རེད།
ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།
གོ་ལ་འདི་ཡི་ཐོག་ཏུ།
གཟུག་དབྱིབས་བལྟ་ན་མརྫེས་པའི།
རྒྱལ་མཁར་གྲངས་མེད་འདུག་ཀྱང་།
པོ་ཏ་འདྲ་ལེ་མི་འདུག
ཁྱེད་མེད་ན་ཙ་ཐང་སྟོང་པ་རེད།
ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།