སྐྱོ་ལྷང་ལྷང་མིག་ཆུ་འཆོར་གི

སྔོ་ལྗང་ལྗང་ས་ཆ་ཀུན་ལ།
ཁྲ་ཆིལ་ཆིལ་མེ་ཏོག་བཞད་དུས།
ངའི་ཕ་ཡུལ་རྨ་ལྷོ་དྲན་བྱུང་།
སོག་སེར་པོའི་རྩྭ་ཐང་སྟེང་ནས།
དགའ་ལྷང་ལྷང་རྩེས་ཚུལ་བསམ་ན།
སྐྱོ་ལྷང་ལྷང་མིག་ཆུ་འཆོར་གི
ལྗང་ལྡེམ་ལྡེམ་ལྗོན་ཤིང་རྩེ་ནས།
སྙན་ལྷང་ལྷང་ཁུ་བྱུག་གྲག་དུས།
ངའི་དྲིན་ཆེན་མ་ལོ་དྲན་བྱུང་།
མ་དྲིན་མོའི་བྱམས་བརྩེའི་ཁ་ཏ།
སྙན་ལྷང་ལྷང་གསུང་ཚུལ་བསམ་ན།
སྐྱོ་ལྷང་ལྷང་མིག་ཆུ་འཆོར་གི
གོས་ཡག་ཡག་རྒྱན་ཆ་སྤྲས་པའི།
དགའ་འཛུམ་འཛུམ་མི་མང་ཚོགས་དུས།
ངའི་ཕུ་ནུ་གཉེན་ཉེ་དྲན་བྱུང་།
སྤུན་ཁ་ཡ་ན་ཟླ་མཉམ་དུ།
འཛུམ་ལྷག་ལྷག་བགད་ཚུལ་བསམ་ན།
སྐྱོ་ལྷང་ལྷང་མིག་ཆུ་འཆོར་གི