སྐྱིད་པོ་གཏང་།
ཁྱུག་ཙམ་གསན་དང་།
བུ་ངའི་ཕྱོགས་ལ།
ཁྱེད་ནི་དེ་འདྲའི་རྣམ་པ་མཛེས་པ་ལ།
ཁྱེད་ཀྱི་ཞལ་རས།
ཞལ་རས་མཇལ་ནས།
བུ་ངའི་སེམས་དེ་འདྲའི་སྐྱིད་པ་ལ།
འོ་ཧོ་ཨོ།
མི་ཚོགས་མང་པོ།
འདི་འདྲའི་དཀྱིལ་ལ།
ཁྱེད་ཀྱི་སྐུ་གཟུགས་ལྷ་ཡི་བུ་མོ་བཞིན།
ཁྱེད་ནི་གཡུག་བཟོ་དོད་པ།
བུ་མོ་ཁྱེད་ཀྱི་བུ་ངའི་སྙིང་ཁམས་དཀྲུགས་སོང་།
འོ་ཛི་ཛི།
སྐྱོན་དང་སྐྱོན་དང་།
ཞབས་གཞས་སྐྱོན་དང་།
དེ་རིང་མཚན་གང་ང་དང་མཉམ་དུ།
དགའ་དགའ་སྐྱིད་སྐྱིད་གནང་ནས་བཞུགས་དང་།
འོ་ཧོ་ཨོ།
སྐྱིད་པོ་གཏང་ཕོ་གསར་ཚོ།
འོ་ཧོ་ཨོ།