སྐྱིད་གླུ།

སོ་་་་་་དམ་ཆོས་ཉི་མ་ཤར་ཞིང་།
སྡེ་བཞིའི་པད་ཚལ་རྒྱས་ས།
རྡུལ་ཟླ་ཟར་མོའི་སྒང་སྟོད།
གངས་ཕྲུག་ང་ཡི་ཕ་ཡུལ།
སོ་་་་ཡ་འ་རི་ལོ།
དབང་ཆེན་ཧེ་རུ་ཀ་དཔལ།
མི་ཡི་གར་དུ་རོལ་པ།
སྟག་ཤམ་བསམ་གཏན་གླིང་པ།
ཚེ་རབས་ལས་ཀྱི་བླ་མ།
སོ་་་་ཡ་འ་རི་ལོ།
སོ་་་་ཡ་འ་རི་ལོ།
སོ་་་་ཡ་འ་རི་ལོ།
ཆོས་བདག་མཐུ་སྟོབས་གླིང་པའི།
རྣམ་འཕྲུལ་གྲུབ་པའི་དབང་ཕྱུག
སྐྱབས་རྗེ་རིག་འཛིན་རྒྱ་མཚོ།
འདི་ཕྱི་གཏན་གྱི་སྐྱགས་གནས།
སོ་་་་ཡ་འ་རི་ལོ།
རིམ་དགུ་ཐེག་པའི་རྩེ་རྒྱལ།
མན་ངག་མཁའ་གྲོའི་སྙིང་ཁྲག
རྩ་གསུམ་ཡི་དམ་དགོངས་འདུས།
ལས་འཕྲོའི་ཕ་ཆོས་གཙང་མ།
སོ་་་་ཡ་འ་རི་ལོ།
སོ་་་་ཡ་འ་རི་ལོ།
སོ་་་་ཡ་འ་རི་ལོ།