འཁྱམས་པོའི་གླུ།
ང་གངས་རིས་བུ་ཕྲུག
ས་མཐའ་འཁྱམས་དགོས་བྱང་སོང་།
དགུང་སྔོན་པོ་བྱ་ཞིག་འཕུར་ཏེ།
བྱ་རྒོད་པོའི་གནམ་འཕང་བཅད་སོང་།
ངའི་་་་་་་ངའི་་་་་་་་་ངའི་་་་་་་་་་
སྤུན་ཆུང་མཐོང་རྒྱ་མི་འདུག
དེས་དོན་དུ་སེམས་པ་སྐྱོ་བྱང་།
ང་གངས་རིས་བུ་ཕྲུག
ས་མཐའ་འཁྱམས་དགོས་བྱང་སོང་།
བྱ་ཁུ་ལོས་གསུང་སྐད་ཐོས་ཏེ།
ངའི་ཕ་མའི་གསུང་སྐད་དྲན་བྱང་།
བྱ་ཁུ་ལོ་གནམ་ལ་འཕུར་སོང་།
ངའི་་་་་་་ངའི་་་་་་་་་ངའི་་་་་་་་་་
ཕ་མའི་གསུང་སྐད་མ་ཐོས།
དེས་དོན་དུ་སེམས་པ་སྐྱོ་བྱང་།
ངའི་་་་་་་ངའི་་་་་་་་་ངའི་་་་་་་་་་
ཕ་མའི་གསུང་སྐད་མ་ཐོས།
དེས་དོན་དུ་སེམས་པ་སྐྱོ་བྱང་།
ང་གངས་རིས་བུ་ཕྲུག
ས་མཐའ་འཁྱམས་དགོས་བྱང་སོང་།
བྱ་རྨ་བྱའི་སྒྲོ་མདངས་མཐོང་ཏེ།
ངའི་ཆུང་འདྲིས་བྱམས་ལ་དྲན་བྱང་།
བྱ་རྨ་བྱ་ནུབ་ལ་ཆས་སོང་།
ངའི་་་་་་་ངའི་་་་་་་་་ངའི་་་་་་་་་་
ཆུང་འདྲིས་གཟུགས་བརྙན་མ་མཐོང་།
དེས་དོན་དུ་སེམས་པ་སྐྱོ་བྱང་།
ངའི་་་་་་་ངའི་་་་་་་་་ངའི་་་་་་་་་་
ཆུང་འདྲིས་གཟུགས་བརྙན་མ་མཐོང་།
དེས་དོན་དུ་སེམས་པ་སྐྱོ་བྱང་།
སེམས་པ་སྐྱོ་བྱང་།
སེམས་པ་སྐྱོ་བྱང་།