སྐྱབས་འཇུག

དམའ་རྒྱ་མཚོའི་ཁ་ནས་བྱ་ལོང་ཡར་ཡར་འཕུར།
ཡིད་མུག་པའི་ཕྱིར་བལྟས་ལན་གསུམ་བྱས།
དར་དཀར་པོས་མཐའ་སྲམ་བརྒྱན་ནས་འདུག
ཨོ་སྐྱོ་བ་ལ།
ཡིད་མུག་ནས་རྒས་ལོ་ལོན་དུས་རེད།
ཤ་ཚ་ནས་ཤི་བོ་ཆོས་མེད་རེད།
ༀ་མ་ཎི་པདྨེ་ཧཱུྃ།
ཚེ་འདི་ཕྱ་གཉིས་ལ་གོད་དང་བར་ཆད་མི་ཡོང་བའི།
སྐྱབས་འཇུག་སྙིང་ནས་ཞུ།
མཐོ་རི་བོའི་མགོ་ནས་ནོར་ལུག་མར་མར་འབབ།
ཡིད་སྐྱོ་ནས་ཕྱིར་བལྟས་ལན་གསུམ་བྱས།
གངས་དཀར་པོས་དབུ་ཞྭ་མནབས་ནས་འདུག
ཨོ་སྐྱོ་བ་ལ།
ཞེ་ཆགས་པའི་འཇིག་རྟེན་འཁོར་བ་ལ།
ཡིད་སྐྱོ་བའི་ཤི་གསོན་ཕྱི་དུས་རེད།
ༀ་མ་ཎི་པདྨེ་ཧཱུྃ།
ཚེ་འདི་ཕྱ་གཉིས་ལ་གོད་དང་བར་ཆད་མི་ཡོང་བའི།
སྐྱབས་འཇུག་སྙིང་ནས་ཞུ།