ཀུན་གསལ་ཉི་མ།
ཀུན་གསལ་ཉི་མའི་དཀྱིལ་འཁོར་ལས།
ཚད་མེད་ཐུགས་རྗེའི་འོད་ཟེར་རབ་ཏུ་འཕྲོས།
ཁམས་གསུམ་འགྲོ་བའི་མ་རིག་མུན་པ་ཀུན།
དུ་གཅིག་གསལ་མཛད་ཆོས་ཀྱི་རྒྱལ་པར་འདུད།
ཨ་ཧ་ཨ་ཧ་ཧ་ཧ།
སྟོང་གསལ་ཆོས་སྐུའི་ལྷ་ལམ་ཡངས་པའི་ངོས།
བྱམས་དང་བརྕེ་བའི་ཆུ་འཛིན་རབ་འཁྲིགས་ནས།
ཨ་ཧ་ཨ་ཧ་ཧ་ཧ།
སྐལ་བཟང་ལྡན་པའི་བོད་ལྗོངས་གདུལ་བྱ་ལ།
ཆོས་ཆར་འབེབས་མཁས་ཕྒ་ན་པད་མོར་འསྟོད།
ཨ་ཧ་ཨ་ཧ་ཧ་ཧ།
རྟག་ཏུ་འགྲོ་ལ་ཐུགས་བརྕེ་བས།
ཀུན་རྨོངས་སྲིད་མཚོར་བྱིང་བའི་འགྲོ་བ་རྣམས།
སྐུ་གསུམ་ནོར་བུའི་གླིང་དུ་སྒྲོལ་མཛད་པའི།
ཆོས་ཀྱི་དེད་དཔོན་འསྟན་འཛིན་རྒྱ་མཚོར་འདུད།