ཀོང་གཞས།

གངས་སྟོད་དང་མཐོ་ལ་པོ།
ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ།
གསོན་གསོན་པ་གནང་དང་།
སེང་གེ་དང་དཀོར་མོ།
གཡུ་རལ་ཡ་མོ་ངོམ་སོ།
མཆོག་ནས་ལོག་རེ་འགྲོ།
བྲག་སྟོད་དང་མཐོ་ལ་པོ།
ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ།
གསོན་གསོན་པ་གནང་དང་།
ཐང་དཀར་དང་རྒོད་ལ་པོ།
གཤོག་རྩལ་ཡ་མོ་ངོམ་སོ།
མཆོག་ནས་ལོག་རེ་འགྲོ།
སྤང་གཤོངས་དང་བདེ་ལ་མོ།
ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ།
གསོན་གསོན་པ་གནང་དང་།
ཤྭ་བ་དང་སྨུག་ལ་ཆུང་།
རྭ་ཅོ་ཡ་ལ་ངོམ་སོ།
མཆོག་ནས་ལོག་རེ་འགྲོ།
ལྕང་གླིང་དང་གྲུ་ལ་བཞི།
ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ།
གསོན་གསོན་པ་གནང་དང་།
བྱིའུ་ཆུང་དང་འཇོལ་ལ་མོ།
གསུང་སྐད་ཡ་མོ་ངོམ་སོ།
མཆོག་ནས་ལོག་རེ་འགྲོ།