ཀོང་པོའི་ཆང་གཞས།

མཆོད་ལ་ཆང་ཅིག་མཆོད་པ་གནང་དང་།
མཆོད་ལ་ཆང་མི་མཆོད་ཟེར་ན།
མིང་ལ་གེ་སར་རྒྱལ་པོ་བཏགས་ནས།
བཀག་རོགས་གནང་རྒྱུ་འབད་དང་།
གསུང་ལ་གཞས་ཅིག་སྐྱོན་པ་གནང་དང་།
གསུང་ལ་གཞས་མི་སྐྱོན་ཟེར་ན།
མིང་ལ་སིང་ལྕམ་འབྲུག་མོ་བཏགས་ནས།
བཀག་རོགས་གནང་རྒྱུ་འབད་དང་།