ཁུ་བྱུག

ཁུ་བྱུག་གང་ནས་ཕེབས་ཡོང་ཞུས་པས།
ཁུ་བྱུག་མོན་ནས་འཕུར་ཡོང་གསུང་བྱུང་།
ཁ་བའི་འདབ་མ་གཏོང་བའི་ཉིན་ལ།
གསུང་སྐད་སྙིང་ནས་དྲན་བྱུང་ཞུས་པས།
ཁུ་བྱུག་སྔོན་མོ།
ལྗོན་པས་ལྗང་ལོ་ཁུར་བའི་དུས་ལ།
ཁུ་བྱུག་སྔོན་མོ།
བསིལ་ཆུའི་མུ་ཏིག་དྲག་སོང་གསུངས་བྱུང་།
ཁུ་བྱུག་གང་དུ་བཞུགས་དགོས་ཞུས་པས།
ཁུ་བྱུག་ནགས་ལ་བཞུགས་དགོས་གསུངས་བྱུང་།
འཇའ་ཚོན་འོད་ཀྱི་གུར་ཁང་ནང་ལ།
གཏན་དུ་བཞུགས་ན་བསམ་བྱུང་ཞུས་པས།
ཁུ་བྱུག་སྔོན་མོ།
སྤང་ཐང་སད་ཀྱིས་ཁྱེར་བའི་དུས་ལ།
ཁུ་བྱུག་སྔོན་མོ།
སྡོད་པའི་རང་དབང་མི་འདུག་གསུང་བྱུང་།
ཁུ་བྱུག་གང་ནས་ཕེབས་ཡོང་ཞུས་པས།
ཁུ་བྱུག་ལྷོ་ལ་འཕུར་འགྲོ་གསུང་བྱུང་།
ལྗོན་ཤིང་རྩེ་མོ་ལྷུང་པའི་ཉིན་ལ།
སེམས་པ་སྐྱོ་སྐྱོ་གནང་ཡོང་ཞུས་པས།
ཁུ་བྱུག་སྔོན་མོ།
མེ་ཏོག་ལྷ་རི་བཞད་པའི་དུས་ལ།
ཁུ་བྱུག་སྔོན་མོ།
གསུང་སྐད་སྒྲོག་བཞིན་ལོག་ཡོང་གསུང་བྱུང་།