འགྱོད་སེམས།

ཧམ་པའི་ལྡེ་མིག་འཁྱེར་ནས།
ཕ་མའི་དངུལ་སྒམ་གཏོར་སོང་།
དངུལ་སྒམ་ནང་ལ་ཡོད་པའི།
དངུལ་གྱི་ནོར་བུ་བཏོན་བྱུང་།
ལུས་ལ་དངུལ་གྱིས་ཁེངས་དུས།
སློབ་གྲྭའི་སྒོ་དང་བྲལ་སོང་།
དང་པོ་ཆང་དང་ཐ་མག
དངུལ་གྱི་ང་ལ་གནང་བྱུང་།
དངུལ་ལ་གྲོགས་པོ་འཁོར་གྱིས།
དངུལ་ལ་བུ་མོ་དགའ་གིས།
དངུལ་ལས་ལྷག་པའི་དྲིན་ཆེན།
རྙེད་རྒྱུ་ཨ་ཡོད་བསམས་བྱུང་།
ཕ་མ་ལ་མོ་བརྒྱབ་སོང་།
གྲོགས་པོ་སོ་སོར་ཕྱིན་སོང་།
བུ་མོས་ཕེབས་ཨ་གསུངས་བྱུང་།
མཐའ་མ་ང་རང་གཅིག་པུར།
སྔོན་མེད་ནོར་བའི་ལམ་ལ།
ཕྱི་མ་འགྲོ་བ་མ་གནང་།
ལོ་ངོ་ཆུང་བའི་དུས་ནས།
མི་ཚེ་འཕྲོ་བརླག་མ་གཏོང་།
གཞོན་དུས་སྣང་བ་གང་བཞག
རྒས་ནས་འགྱོད་པ་སྐྱེས་སོང་།
ལས་འབྲས་ཆུ་བོའི་ཐུར་ལ།
ལོག་ཤོག་ཟེར་ཡས་མི་འདུག
ཆུང་དུས་སྣང་བ་གང་བཞག
རྒས་ནས་འགྱོད་པ་སྐྱེས་སོང་།
ལས་འབྲས་ཆུ་བོའི་ཐུར་ལ།
ལོག་ཤོག་ཟེར་ཡས་མི་འདུག