ཁྱེད་ང་ཡི་སེམས་ནས་འགྱངས་ནས།

བུ་ང་ཡི་འདས་པའི་མི་ཚེ།
ནོར་འཁྲུལ་པ་མང་ཙམ་བྱུང་ཡོད།
རང་སེམས་པ་དགའ་བའི་བུ་མོ།
སེམས་སྡུག་བསྔལ་ནང་ལ་བསྐྱལ་ཡིན།
ལོ་ཆུང་དུས་བྱས་པའི་ནོར་འཁྲུལ།
ལོ་རྒས་དུས་རྒྱུ་འབྲལ་སྨིན་བྱུང་།
ཁྱེད་ང་ཡི་སེམས་ནས་འགྱངས་ནས།
ངའི་མི་ཚེའི་རྨང་གཞི་བརླགས་སོང་།
གནམ་མཁའི་སྤྲིན་པ།
འཁྱེར་ཕྱོགས་སུ་ཡིས་ཤེས།
ལས་ཀྱི་རླུང་པོ།
རྒྱག་ཕྱོགས་སུ་ཡིས་ཤེས།
ནོར་འཁྲུལ་པ་མིད་པའི་མི་ཞིག
ཁམས་འཛམ་བུ་གླིང་ལ་ཨ་ཡོད།
དུས་རིང་བའི་བཟའ་ཚང་ནང་ལ།
དུས་གཏན་དུ་ཉི་མ་ཨ་ཡོད།
གདང་དེང་སང་འགྱོད་པས་སེམས་ཁེངས།
སྔར་དུས་དེ་སེམས་ལ་ཤར་བྱུང་།
ཁྱེད་ང་གཉིས་དམ་ཚིག་གཙང་བའི།
དུས་སྐྱིད་པོ་སེམས་ལ་དྲན་བྱུང་།
གནམ་མཁའི་སྤྲིན་པ།
འཁྱེར་ཕྱོགས་སུ་ཡིས་ཤེས།
ལས་ཀྱི་རླུང་པོ།
རྒྱག་ཕྱོགས་སུ་ཡིས་ཤེས།