ཁྱེད་ཀྱི་བརྩེ་བ།

ཚེ་སྔོན་ལས་དང་སྨོན་ལམ་བཟང་བས།
ཁྱེད་དང་ལན་གཅིག་ཐུག་པ་བྱུང་ཡང་།
ཁྱེད་ཀྱི་སེམས་ནང་གི་བརྩེ་བ་མེད་དུས།
བུ་ང་མིག་ཆུ་ཡང་སེ་ཤོར།
ཁྱེད་རང་གཞན་དང་གྲོགས་པ་མཐོང་དུས།
བུ་ང་སེམས་པ་ཤིན་ཏུ་སྐྱོ།
ཁྱེད་ཀྱི་སེམས་ནང་ལ་ག་རེ་ཡོད་པ།
བུ་ངས་གསལ་པོ་ཤེས་ཀྱི་འདུག
ཁྱེད་རང་གང་དུ་འགྲོ་དགོས་བསམས་ན་ཡང་།
འགྲོ་རོགས།
ཁྱེད་རང་ག་ར་གནང་དགོས་བསམས་ན་ཡང་།
གནང་རོགས།
ཁྱེད་ཀྱིས་གནང་བའི་བརྩེ་བ་ང་ལ་དགོས་པ་མི་འདུག
ཁྱེད་ཀྱིས་གནང་བའི་བརྩེ་བ་ང་ལ་དགོས་པ་མི་འདུག
ཚེ་སྔོན་ལས་དང་སྨོན་ལམ་བཟང་བས།
ཁྱེད་ཀྱིས་ང་ལ་གསུངས་པའི་སྙིང་གཏམ།
རྟག་ཏུ་སེམས་ལ་དྲན་བཞིན་ཡོད།
ཁྱེད་ཀྱིས་དེ་འདྲ་བྱས་ཡོང་བསམ་བསམ།
བུ་ངས་གཏན་ནས་དྲན་པ་མ་བྱུང་།