ཁྱེད་དང་ང་གཉིས།
ཁྱེད་དང་ང་གཉིས་ལ་ལ་ལ་་་།
ང་དང་ཁྱེད་གཉིས་ལ་ལ་ལ་་་།
མེ་དང་ཉི་མ་དྲོད་གཅིག་རེད།
ཆུ་དང་ཆར་པ་ངོ་བོ་གཅིག་རེད།
སྤང་དང་མེ་ཏོག་གྲོགས་གཅིག་རེད།
ཁྱེད་དང་ང་གཉིས་ལས་གཅིག་རེད།
སྤང་ལ་མེ་ཏོག་མེད་ན་ལྗང་ཚུབ་ཚུབ།
ཆུ་ལ་ཉ་མོ་མེད་ན་གྲང་ཤུར་ཤུར།
ང་ལ་ཁྱེད་རང་མེད་ན་སྟོང་སི་སི།
ཁྱེད་ལ་ང་རང་མེད་ན་སྐྱོ་ལྷང་ལྷང་།
ཁྱེད་དང་ང་གཉིས་ལ་ལ་ལ་་་་།
ང་དང་ཁྱེད་གཉིས་ལ་ལ་ལ་་་་།
ཆུ་དང་ཉ་མོ་སྤུན་གཅིག་རེད།
གནམ་དང་སྤྲིན་པ་ཁམས་གཅིག་རེད།
གངས་དང་སེང་གེ་རྒྱན་གཅིག་རེད།
ཁྱེད་དང་ང་གཉིས་ལས་གཅིག་རེད།
སྤང་ལ་མེ་ཏོག་མེད་ན་ལྗང་ཚུབ་ཚུབ།
ཆུ་ལ་ཉ་མོ་མེད་ན་གྲང་ཤུར་ཤུར།
ང་ལ་ཁྱེད་རང་མེད་ན་སྟོང་སི་སི།
ཁྱེད་ལ་ང་རང་མེད་ན་སྟོང་ལྷང་ལྷང་།